བྱམས་ཁང་ཆེན་མོ།

དུས་ཚོད།2016-08-15 11:20ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846

 གཞན་ཡང་རྒྱལ་བ་ཤཱཀྱ་སེངྒེ་དེ་ཉིད་ཀྱི་བསྟན་པའི་རྗེས་འཇུག་ཉན་ཐོས་དང་། བསྟན་པ་ལ་དད་པའི་སྐྱེ་འགྲོ་རྣམས་སྒྲོན་མེའི་བསྐལ་པ་འདི་ལ་བདུད་རྩིའི་གོ་འཕང་ཐོབ་མ་ནུས་པ་རྣམས་ཀྱང་། མ་འོངས་པ་ན་རྣམ་འདྲེན་ལྔ་པ་རྒྱལ་བ་བྱམས་པ་མགོན་པོའི་འདུས་པ་དང་པོའི་འཁོར་དུ་སྐྱེ་བའི་རྟེན་འབྲེལ་དུ། 

སངས་རྒྱས་དེ་ཉིད་ཀྱི་སྐུ་བརྙན་བཞེངས་པ་དང་འཁོར་དུ་སྐྱེ་བའི་སྨོན་ལམ་འདེབས་པ་སོགས་སྒོ་དུ་མ་ནས་དགེ་བའི་རྩ་བའི་སྟོབས་བསྐྱེད་པའི་ཕྱག་བཞེས་སྔོན་མ་ནས་བོད་ཡུལ་གངས་ཅན་གྱི་ལྗོངས་ན་ཡོད་པ་བཞིན། སྐུ་ཞབས་སྨན་ཤུལ་རིན་པོ་ཆེ་དང་། ཨ་ཤུལ་བླ་མ་རིན་པོ་ཆེ། ཁྲི་པ་ཆོས་མཛད་འཇམ་དཔལ་བསོད་ནམས་རྒྱ་མཚོ་རྣམ་པ་གསུམ་གྱིས་སྔོན་གྱི་བྱམས་སྐུ་ཆེན་མོ་དེ་ཉམས་ཆག་ཆེན་པོ་བྱུང་ཡོད་པར་གཟིགས་ནས། སླར་ཡང་བྱམས་སྐུ་ཐོགས་བརྩེགས་ལྔ་པ་ཅན་གྱི་རྟེན་དང་བརྟེན་པར་བཅས་པའི་དཔལ་འབྱོར་གྱི་འགྲོ་གྲོན་དང་། ནང་གི་བཟོ་དབྱིབས། ཕྱིའི་བཀོད་པ་མཐའ་དག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་གྲུབ་མཛད།

སྒྲ་ལམ་སློབ་ཚན་ཕབ་ལེན།