ཕོ་བྲང་ཡིད་དགའ་ཆོས་འཛིན།

དུས་ཚོད།2016-08-15 11:18ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846

ཕོ་བྲང་འདིའི་རྟེན་གཙོ་དཀྱིལ་དུ་གདུང་རྟེན་རིན་པོ་ཆེ་གསེར་གདུང་མཐོང་བ་དོན་ལྡན། གཡས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། འཕགས་པ་ཀུན་ཏུ་བཟང་པོ་རྣམས་ཀྱི་སྣང་བརྙན་དང་། གཡོན་དུ་སངས་རྒྱས་སྨན་ལྷ་དང་། གདུགས་དཀར་པོ་ཅན། རྗེ་བཙུན་སྒྲོལ་མ་ལྗང་གུ། སངས་རྒྱས་མི་འཁྲུགས་པ། མཁན་ཟུར་རྡོ་རྗེ་འཆང་ལེགས་ཚོགས་རབ་རྒྱས་ཀྱི་གདུང་རྟེན། དབུ་ཟུར་རྡོ་རྗེ་འཆང་གི་གདུང་རྟེན་རིན་པོ་ཆེ་རྣམས་དང་། ཐོག་བརྩེགས་གཉིས་པའི་ཁར་དཀྱིལ་དུ་རྗེ་ཡབ་སྲས་གསུམ་དང་། གཡས་སུ་ཡི་དམ་རྡོ་རྗེ་འཇིགས་བྱེད། དཔལ་འཁོར་ལོ་བདེ་མཆོག །གཡོན་དུ་རྟ་མགྲིན་ཡང་གསང་ཁྲོས་པ། དཔལ་དུས་ཀྱི་འཁོར་ལོ། གསང་བ་འདུས་པ། རྡོ་རྗེ་སེམས་དཔའ། དེ་དག་གི་མཐའ་འཁོར་དུ་སྐྱེས་བུ་གསུམ་གྱི་སྲུང་མ་སོགས་ཆོས་སྐྱོང་རྣམས་ཀྱི་སྣང་བརྙན། དབུ་ཁང་དུ་རྒྱལ་ཚབ་བྱམས་པ་མགོན་པོ། གཡས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་དང་། གཡོན་དུ་མཉམ་མེད་ཇོ་བོ་རྗེ་སོགས་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་བཀོད་པ་ལྟར་བཞུགས།


སྒྲ་ལམ་སློབ་ཚན་ཕབ་ལེན།