གཞུང་ལས་བདག་གཉེར་དོ་དམ་ཁང་།

དུས་ཚོད།2016-08-15 11:16ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846
ལས་ཁུངས་འདིས་དགོན་པའི་ཕྱི་ནང་གང་སར་ལྟ་རྟོག་དང་འགན་ཁུར་ལེན་དགོས་པ་དང་། ཕྱི་ནང་གི་རྒྱུ་འབྱོར་ཚང་མར་བསྲི་ཚགས་བདག་གིར་མཛད་དགོས་ཤིང་དུས་མཆོད་ཁག་ལ་དམིགས་བསལ་སྦྱིན་བདག་མེད་ཚེ་གསོལ་ཚིགས་ཚང་མ་དྲངས་དགོས་པའི་འགན་སོགས་ཡོད། དེ་བཞིན་དགོན་པའི་ཕྱི་ནང་གི་ཡོང་སྒོ་གང་ཡོད་དང་ཚོང་ལས་གཉེར་ཕྱོགས་སོགས་ཡོད་དོ་ཅོག་གི་འགན་ཁུར་དགོས། ད་ལམ་ལས་ཁུངས་འདིའི་འོག་ལྷ་ས་དང་།  ནག་ཆུ། སྐྱེ་སྐུ། མགོ་ལོག རང་དགོན་གྱི་ཉེ་འཁོར་སོགས་སུ་ཁྱད་ཆོས་ལྡན་པའི་མགྲོན་ཁང་དང་ཚོང་ཁང་མང་པོ་གསར་འཛུགས་གནང་ཡོད། ད་དུང་དགོན་པའི་རུང་ཁང་ཆེན་མོ་དང་དའི་གཡས་ཕྱོགས་སུ་མཛོད་ཁང་། སྐབས་བབ་ཀྱི་སྦྱིན་བདག་ཁག་གི་ཐབ་ཚང་དང་འགྲུལ་བ་སྣེ་ལན་ཁང་། ཐོག་བརྩེགས་གཉིས་པར་གཞུང་ལས་དོ་དམ་ཁང་། ཚོགས་འདུ་ཁང་། རྩིས་འཕྲུལ་ཁང་། སྐུ་མགྲོན་སྣེ་ལན་ཁང་། སྐུ་མགྲོན་བཞུགས་ཤག་ཁག་བཅས་གསར་རྒྱག་བྱས་ཡོད། ལས་ཁུངས་འདིར་ཕྱག་མཛོད་རྒན་གཞོན་གཉིས་དང་། དྲུང་ཡིག དངུལ་གཉེར། རྒྱུ་གཉེར་སོགས་ཡོད་པ་ཡིན།

སྒྲ་ལམ་སློབ་ཚན་ཕབ་ལེན།