པཎ་ཆེན་སྤྱི་ལས་ཁང་།

དུས་ཚོད།2016-08-15 11:15ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846


ལས་ཁུངས་འདི་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་ཉི་མ་མཆོག་དགོན་པ་འདིར་ཕེབས་སྐབས་དམ་པ་མཆོག་གིས་མ་རྩ་ཆ་ཚང་གནང་ནས་གསར་འཛུགས་བྱས་པ་ཞིག་ཡིན།  ལས་ཁུངས་འདིས་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་རྒྱུན་རྣམས་བཞུགས་སའི་གྲྭ་ཤག་མང་པོ་གསར་བསྐྲུན་དང་།  མ་འོངས་པར་དགོན་པའི་རང་ཁ་རང་གསོ་བྱེད་རྒྱུར་དམིགས་ནས་ཚོང་ར་གསར་འཛུགས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་གསར་འཛུགས་བྱེད་པ།  རྒྱུན་དུ་ཕྱོགས་སོ་སོའི་སྐུ་མགྲོན་སྣེ་ལེན་བྱེད་པ། དམིགས་བསལ་ཆོས་ཚོགས་སོ་སོའི་སྐབས་གྲ་སྒྲིག་བྱེད་པ་སོགས་བསྟན་པའི་རྒྱུན་ལ་ཕན་པའི་བྱ་བ་རྒྱ་ཆེན་སྒྲུབ་བཞིན་པ་ཡིན།  ལས་ཁུངས་འདིར་ཡང་འགན་འཛིན་རྒན་གཞོན་གཉིས་དང་། དྲུང་ཡིག་དངུལ་གཉེར་སོགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའོ༎    ༎


 

སྒྲ་ལམ་སློབ་ཚན་ཕབ་ལེན།