སྨན་ཤུལ་དགེ་རྩ་ཚོགས་པ།

དུས་ཚོད།2016-08-15 11:13ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846
སྤྱི་ལོ་༢༠༠༥ལོར་ཐོག་མར་མདོ་ཁམས་དགེ་རྩ་ཚོགས་པ་གསར་འཛུགས་གནང་།  ད་ལམ་ཚོགས་པ་དེའི་མིང་སྨན་ཤུལ་དགེ་རྩ་ཚོགས་པ་ཞེས་པར་བསྒྱུར་ཏེ་ཚོགས་པ་དེ་ཉམ་ཆུང་དབུལ་ཕུངས་རྒས་འཁོགས་སྐྱབས་མེད་མགོན་མེད་རྣམས་ལ་སྡོད་ཡུལ་གྱི་རྒན་གསོ་ཁང་གསར་འཛུགས་གནང་སྟེ་རྒས་འཁོགས་དེ་དག་ལ་དབྱར་དགུན་གྱི་ཆས་གོས་དང་།ཕུན་སུམ་ཚོགས་པའི་བཟའ་བཏུང་ཚང་མ་དུས་ཐོག་ཏུ་མཐུན་སྦྱོར་བྱེད་བཞིན་ཡོད། དེ་བཞིན་ས་གནས་མི་མང་དབུལ་ཕོངས་དུད་ཁྱིམ་༢༨༠ཐམ་པར་ལོ་རེ་བཞིན་ཇ་དང་འབྲུ་མར་སོགས་སྦྱིན་གཏོང་སྔ་ཕྱིར་གནང་།
མ་འོངས་པའི་དམིགས་ཡུལ་གཙོ་བོ་ནི་ཉམ་ཐག་དབུལ་ཕོངས་རྣམས་ལ་སྨན་སྦྱོར་དང་། འཚོབའི་རོགས་སྐྱོར།སློབ་ཡོན་སྤྲོད་མི་ཐུབ་མཁན་ཚོ་ལ་སློབ་ཡོན་གྱི་རོགས་སྐྱོར། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་སྨན་ཤུལ་དྲན་རྟེན་ཁང་གསར་བསྐྲུན་དང་། 
རྒན་གསོ་ཁང་རྒྱ་བསྐྱེད་བྱེད་རྒྱུ་སོགས་ལ་ཤུགས་སྣོན་འབད་བརྩོན་གང་ཡོད་བྱེད་ངེས་ཡིན། ཚོགས་པ་འདིར་ཚོགས་གཙོ་རྒན་པ་དང་། གཞོན་པ་གཉིས་དང་། དྲུང་ཡིག་དངུལ་གཉེར་བཅས་ཡོད་དོ། །དེ་ལྟར་ཕུན་སུམ་ཚོགས་པའི་དགེ་མཚན་དུ་མས་ཕྱུགས་པའི་མདོ་ཁམས་བསྟན་པའི་མཛེས་རྒྱན་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནི་སྔོན་གྱི་དམ་པ་ཚོས་ཆོས་དབྱིངས་མི་འགྱུར་བའི་ངང་ནས་ཐུགས་བསྐྱེད་བདེན་སྟོབས་དང་། ལྷག་བསམ་དག་པའི་སྲི་ཞུ་བ་རྣམས་ཀྱིས་འབད་རྩོལ་རྟེན་འབྱུང་གི་རང་བཞིན་ལ་བརྟེན་ནས་སྒོ་ཀུན་ནས་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་སྣང་ཚུལ་འདི་དག་རབ་བྱེད་ཉི་ཤུས་བཤད་པ་ནི་རེ་ཞིག་སྐབས་བསྡུས་སོ།།    །།

སྒྲ་ལམ་སློབ་ཚན་ཕབ་ལེན།