རྫ་སེར་ཤུལ་དགོན་གྱིས་ཨོས་ཧན་ལ་རོགས་སྐྱོར་ཕུལ་བ།

དུས་ཚོད།2020-02-14 11:24ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བསྟན་བདག་༧སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་མཆོག་གི་དབུས་དགོན་པའི་འདུས་པ་རྒྱ་མཚོ་ཡོངས་ཀྱི་ལྷག་བསམ་ཆེར་སྐྱེད་ཀྱིས། ཧུ་པེ་ཞིང་ཆེན་ཝོའུ་ཧན། དཀར་མཛེས་ཁུལ་སོགས་ཀྱི་མི་དམངས་གཙོ་བོར་གྱུར་པའི་ཏོག་དབྱིབས་ནད་དུག་གིས་མནར་པའི་མི་དམངས་རྣམ་པར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཙམ་དུ་ཀྲུང་སྒོར་ཁྲི་ཉི་ཤུ་ཐམ་པ་ཕུལ་བ་དང་། གཞན་ཡང་། དགེ་འདུན་པ་རྣམས་རང་དགོན་དུ་ལེགས་པར་བཞུགས་ནས། ཉི་མ་རེ་རེ་བཞིན་སྔ་དགོང་གཉིས་ཀར། གསུར་དང་། དམ་བཟླས། མ་ཎི། སྒྲོལ་མ། ཏ་རེ་སོགས་གསུངས་ཏེ། ཚེ་འདས་རྣམས་ལ་བསྔོ་སྨོན་དང་། འཇིགས་སུ་རུང་བའི་ནད་ཡམས་དེ་རང་སར་ཞི་ནས་སྐྱེ་འགྲོ་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གསར་བ་མྱུར་དུ་འཆར་ཐུབ་པའི་ཐུགས་སྨོན་གང་གཟབ་གནང་མུར་ལགས་སོ།།

四川省甘孜州石渠县西康色须寺,至尊赤巴仁波切携色须寺全体僧众,向武汉等地,就2019—冠状病毒疾病捐款 200,000 元 。此外,本寺僧众始终坚守在寺院里,每天为众生早晚念度母经、绿度母心咒、六字真言、烧香供,三昧耶金刚咒等。愿此次疫情早日结束!愿患者早日康复!

སྨྲས་པ།
ཏོག་དབྱིབས་ནད་དུག་ཞི་ཞིང་ཚེ་བསོད་འཕེལ། །སྐྱེ་འགྲོའི་སེམས་ཀྱི་གདུང་བ་ཀུན་ཞི་ནས། །
རྒྱལ་ཁམས་བདེ་ཞིང་རྫོགས་ལྡན་གསར་བ་ཡི། །བཀྲ་ཤིས་དགའ་སྟོན་མྱུར་དུ་འཆར་བར་སྨོན། ། རྩོམ་པ་པོ། ཁྲི་ཐོས་བསམ།

སྒྲ་ལམ་སློབ་ཚན་ཕབ་ལེན།