གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅུ་དྲུག་པའི་ཆོས་བརྡ།

དུས་ཚོད།2019-09-12 14:50ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

       

       


ཡངས་པའི་ས་ཆེན་འདི་ན་འཚོ་བའི་འགྲོ། །ཡོངས་ལ་ཀུན་སྙོམས་བྱམས་བརྩེའི་ཀློང་ཡངས་ནས། །སྲིད་ཞིའི་རྒུད་པ་འཕྲོག་པའི་ཆོས་ཀྱི་ཆར། །འབེབ་མཛད་ཤཱཀྱ་སེང་གེ་གཙུག་ན་རྒྱལ། ། དེ་ཡང་ཡངས་པའི་ས་ཆེན་པོ་འདིའི་ཁྱོན་དུ་གནས་པའི་སྐྱེ་འགྲོ་སྤྱི་དང་ཁྱད་པར་དུ་བསིལ་ལྡན་ཁ་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས་འདིར། ས་ཡོམ། ཆུ་ལོག །དྲག་རླུང་། སད་སེར། བཙའ་ཐན། གངས་ཞོད་སོགས་ཕྱི་འབྱུང་བཞིའི་གནོད་འཚེ་དང་། རླུང་འཁྲིས་བད་ཀན་འདུས་པ་རེག་དུག་ལ་སོགས་པ་ནང་ནད་རིམ་གྱི་གནོད་འཚེ།  ཆོས་ལུགས་ལག་ལེན་ལ་རྨོངས་པ། མཐུན་སྒྲིལ་ལག་ལེན་ལ་རྨོངས་པ། དཔལ་འབྱོར་ཡར་རྒྱས་ལ་རྨོངས་པ།  རིག་གནས་སློབ་གསོ་ལ་རྨོངས་པ། གཙང་སྦྲ་འཕྲོད་བསྟེན་ལ་རྨོངས་པ་སོགས་གསང་བ་རྗེས་ལུས་ཀྱི་གནོད་འཚེ་སོགས་ལྷག་མེད་དུ་ཞི་ནས་བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་སྟོན་ལ་ལོངས་སུ་སྤྱོད་ཕྱིར། རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅུ་དྲུག་པ་དེ། སྤྱི་ལོ་༢༠༡༩ བོད་ཟླ་ ༨ ཚེས་ ༡༣ ཕྱི་ཟླ་ ༡༠ ཚེས་ ༡༡ ནས་འཚོགས་ཏེ། ཆོས་ཚོགས་དེར་ལོ་སྔ་མ་རྣམས་ལྟར་ཕྱོགས་གཅིག་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཇམ་དཔལ་མཚན་བརྗོད་སོགས་གསུང་རྒྱུ་དང་།  ཕྱོགས་གཞན་ནས་མཁས་པ་མང་པོས་སེར་སྐྱ་ཡོངས་ལ་ལུགས་གཉིས་ཀྱི་བསླབ་བྱ་དང་སློབ་གསོ་སོགས་གནང་རྒྱུ་ཡིན་པས། རིས་སུ་མ་ཆད་པའི་དགེ་འདུན་པ་རྣམས་དང་དད་ལྡན་མི་སྐྱ་ཕོ་མོ་སུ་ཞིག་ཡིན་རུང་ཆོས་ཚོགས་དེར་ཕེབས་རྒྱུའི་རེ་ཞུ་དང་སྨོན་པ་བཅས། 

དགེ་འདུན་པ་རྣམས་བཞུགས་ཡུལ་སོགས་གྲ་སྒྲིག་སྔོན་ལྟར་ཞུས་ཡོད།


    འབྲེལ་གཏུགས་བྱེད་ཡུལ།

    མཁན་ཟུར་པདྨ་རྡོ་རྗེ། 13558503883

   གང་བ་སྤྲུལ་སྐུ། 15909787777

   གཞུང་གཉེར་སྨན་རྒྱས། 13558511699

   གངས་རྒྱན་སྨོན་ལམ་ཆེན་མོའི་ལས་སྒྲུབ་ལྷན་ཚོགས་ཀྱིས། རབ་གནས་ས་ཕག་ལོའི། སྤྱི་ཟླ་ ༩ ཚེས་ ༡༢ ཉིན། བཀྲ་ཤིས་བདེ་ལེགས།


        

        

        

         



                རྩོམ་སྒྲིག་པ།  སེར་ཤུལ་རྡོ་རྗེ།


སྒྲ་ལམ་སློབ་ཚན་ཕབ་ལེན།