ཆོས་བརྡ།

དུས་ཚོད།2018-10-15 17:29ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



རྒྱ་ཆེ་བའི་དད་ལྡན་ཆོས་ཞུ་རྣམ་པར་ཆེད་ཞུ།




སྤྱིར་འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་ཉེ་བར་ཞི་བ་དང་། ལྷག་པར་རང་ཅག་སྡེ་འབངས་ཡོངས་ཀྱི་ཕྱི་ནང་གི་རྐྱེན་ངན་བར་ཆད་ཐམས་ཅད་ལྷག་མེད་དུ་ཞི་ནས། ཆར་ཆུ་དུས་འབབ་དང་ལོ་ཕྱུགས་རྟག་ལེགས་འོང་བ་སོགས་ཀྱི་ཆེད་དུ། ཕྱི་ལོ་༢༠༡༨ཟླ་༡༠ཚེས་༢༤  བོད་ཟླ་༩ཚེས་༡༥ཉིན་ནས་མགོ་བཙུགས་ཏེ།  སེར་ཤུལ་སྐྱབས་མགོན་བསྟན་བདག་ཁྲི་ཟུར་རིན་པོ་ཆེ་མཆོག་དབུ་བཞུགས་མཛད་དེ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆོས་རའི་ནང་དུ་ཉིན་བརྒྱད་ཀྱི་རིང་ལ་སྒྲོལ་འདོན་འཚོག་རྒྱུ་གཏན་ཁེལ་བྱུང་ཞིང་མཐར་དགུ་བའི་ཉེར་གཉིས་ཏེ་སྟོན་པ་ལྷ་ལས་བབ་པའི་དུས་ཆེན་སྤྱི་ཟླ་༡༠ཚེས་༣༡ཉིན་རྣམ་དཀར་གྱི་དགེ་རྩ་རྣམས་རྫོགས་བྱང་གི་རྒྱུ་རུ་བསྔོ་བ་བཅས་མཇུག་ལེགས་པར་གྲོལ་རྒྱུ་ཡིན་པས་དད་ལྡན་དམངས་ཚོགས་རྣམ་པ་དུས་ལྟར་ཕེབས་པར་ཞུ།





འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང་། །

གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང་། །

ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། །

བདེ་དགའ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །


སེར་ཤུལ་དགོན་གསུང་ཆོས་བཀོད་སྒྲིག་ཚོགས་ཆུང་གིས།

རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།




སྒྲ་ལམ་སློབ་ཚན་ཕབ་ལེན།