གངས་རྒྱན་སྨོན་ལམ་ཆེན་མོའི་ཆོས་བརྡ།

དུས་ཚོད།2018-09-09 10:56ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846
 


རབ་འབྱམས་མཁྱེན་བརྩེ་ནུས་པའི་སྣང་བ་ཡིས། །

འགྲོ་རྣམས་སྐུ་བཞིའི་རྒྱལ་སར་འགོད་པའི་ཕྱིར། །
སྣ་ཚོགས་དབང་པོའི་འདབ་བརྒྱ་གྲོལ་མཛད་པའི། །
སྟོན་མཆོག་ཤཱཀྱ་སེང་གེ་གཙུག་ན་རྒྱལ། །

སྔོན་བྱོན་སྟོན་པའི་རྣམ་ཐར་སྐྱོང་བའི་ཐབས། །
བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དུས་འདའ་པའི། །
མདོ་ཁམས་སེར་ཤུལ་ཐེག་ཆེན་དར་གླིང་འདིར། །
གངས་རྒྱན་སྨོན་ལམ་ཆེན་མོ་འཚོགས་ལ་ཉེ། །
   

 


      དེང་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ཅན་ལྗོངས་འདིར་སྙིགས་མའི་རྒུད་ཚོགས་ཆེས་ཆེར་འཕེལ་ཏེ།  དུས་མིན་འཆི་རྐྱེན་དང་། འབྱུང་བཞིའི་གནོད་འཚེ།  ས་སེར་བཙའ་ཐན། གངས་ཞོད་ཆུ་འཇིགས། བཅོས་དཀའི་ནད་རིམས་སོགས་དང་།  ལྷག་པར་ཏུ།  གྲུབ་མཐའི་བར་དཀྲུག་ཤིང་བྱེད་པ།  བསྟན་པ་དང་སྲོལ་རྒྱུན་ཐན་དུ་ལྟ་བ།  ཆོས་པའི་མིང་གིས་ཆོས་མིན་བྱེད་པ།  བླུན་རྨོངས་དག་གིས་ཀུ་ཅོ་འདོན་པ།  བསྟན་པར་ཁ་གཡར་ནས་ཁྱབ་བསྒྲགས་དང་ཚོང་ལས་བྱེད་པ།   ཧམ་སེམས་དང་འདོད་སྲེད་མེ་ལྟར་འབར་ནས་མི་འདོད་རྐྱེན་ངན་གྱི་རྔམ་ཁ་ཤིན་ཏུ་རྒྱས་ཏེ།  མི་རིགས་དང་རིག་གཞུང་།  ཆོས་ལུགས་དང་སྲོལ་རྒྱུན།  བཟང་སྤྱོད་དང་གོམས་གཤིས་སོགས་ཉམས་རྒུད་ཤུགས་ཆེར་འགྲོ་བའི་དུས་འདིར།  རླབས་ཆེན་བསོད་ནམས་ཀྱི་ནུས་པ་གོང་མཐོར་སྤེལ་རྒྱུ་དང་མཐུན་སྒྲིལ་གྱི་ལམ་སྲོལ་བཟང་པོ་བསྐྲུན་རྒྱུ།   སློབ་གསོའི་ལམ་སྟོན་སོགས་ཀྱིས་སྐྱེ་འགྲོ་རྣམས་ལེགས་ལམ་དུ་དཀྲི་བ་སོགས་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་སུ་མཐོང་།  ཁྱད་པར་དུ།   བྱམས་བརྩེ་དང་ཤེས་རབ་ཀྱི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། ཁ་བ་གངས་ཅན་གྱི་ལྗོངས་འདིར། བླུན་རྨོངས་དང་རྗེས་ལུས། མ་རབས་དང་མུན་ནག་གི་དུས་རབས་རྫོགས་ཏེ་བདེ་སྐྱིད་དང་། མཉམ་འཛོམས་ཀྱི་ཉི་གཞོན་མྱུར་དུ་འཆར་བ་སོགས་ཀྱི་ཆེད་དུ།    རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅོ་ལྔ་པ་དེ་འདི་ལོའི་བོད་ཟླ ༨ པའི་ཚེས ༨ དང། ཕྱི་ཟླ ༩ ཚེས ༡༧ ནས་འཚོགས་རྒྱུ་ཡིན་པས། རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་སྤྱི་དང་། དད་ལྡན་ཆོས་ཞུ་བ་གང་ན་སུ་མཆིས་རྣམས་དུས་དེར་ཆོས་ཚོགས་འདིར་ཕེབས་ཐུབ་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས། 





尊敬的大德、法友、居士、朋友:

六时吉祥

本师释迦牟尼佛所宣说的清净教证二法,是一切安乐的源泉。为祈愿正法久住、一切持教高僧大德长寿住世、佛法讲修事业兴隆增上,也为清净吾等浊世修行人之烦恼业障,积累福慧资粮,增长修行顺缘,同时祈愿世界和平、国泰民安、五谷丰登,人民安乐……西康色须寺将于2018年9月17日至9月24日举办“第十五届雪域祈愿大法会”。

特此诚挚邀请您的参与,诚请届时务必拨冗莅临,共造殊胜善业,不胜欢喜。

祝您身体健康,善业增广,福慧圆满,吉祥法安。



དགེ་འདུན་པ་རྣམས་བཞུགས་ཡུལ་དང་བཞེས་ཆས་ཚང་མ་གྲ་སྒྲིག་ཞུས་ཡོད།   

འབྲེལ་གཏུགས་ཁ་པར་ཨང་གྲངས་ཁག 

མཁན་པོ་པད་རྡོ། 13558503883 

གང་བ་སྤྲུལ་སྐུ། 15909787777 

གཞུང་གཉེར་སྨན་རྒྱས། 13558511699 


色须寺祈愿法会筹备组  敬呈
法会联系人
土生格西 13558500359

索泽师父 13610266111

罗经师父 13539871777



   

      རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོའི་གྲ་སྒྲིག་ཚོགས་ཆུང་གིས།


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།  

 





སྒྲ་ལམ་སློབ་ཚན་ཕབ་ལེན།