སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་ཡིད་དགའ་ཆོས་འཛིན་གསར་བཞེངས།

དུས་ཚོད།2017-04-20 12:18ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བྱེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


ཕོ་བྲང་ཡིད་དགའ་ཆོས་འཛིན་ལེགས་གྲུབ་མཛད་པ།

སྤྱི་ལོ་༢༠༠༢ལོའི་དབྱར་དུས་སུ་མགོན་པོ་གང་གི་ཡོངས་འཛིན་དམ་པ་འདུལ་བ་འཛིན་པ་ཀུན་གྱི་གཙུག་གི་རྒྱན་གཅིག་བཀའ་དྲིན་ཟླ་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་༧བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་གསེར་གདུང་གཟི་འོད་འབར་བ་བཞུགས་ཡུལ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཕོ་བྲང་རྟེན་བརྟེན་པ་དང་བཅས་པ་དམ་པ་མཆོག་ཉིད་ཀྱི་སློབ་མ་རྒྱའི་དགེ་བསྙེན་མ་ཚའོ་ཡ་ལེན་སོགས་དད་ལྡན་ཁག་གཅིག་ནས་མཐུན་རྐྱེན་རོགས་ཕན་གནང་སྟེ་གསར་བཞེངས་ལེགས་པར་གྲུབ།



ཕོ་བྲང་འདིའི་རྟེན་གཙོ་དཀྱིལ་དུ་གདུང་རྟེན་རིན་པོ་ཆེ་གསེར་གདུང་མཐོང་བ་དོན་ལྡན། གཡས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་། སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་། འཕགས་པ་ཀུན་ཏུ་བཟང་པོ་རྣམས་ཀྱི་སྣང་བརྙན་དང་། གཡོན་དུ་སངས་རྒྱས་སྨན་ལྷ་དང་། གདུགས་དཀར་པོ་ཅན། རྗེ་བཙུན་སྒྲོལ་མ་ལྗང་གུ། དབུ་ཟུར་རྡོ་རྗེ་འཆང་གི་གདུང་རྟེན་རིན་པོ་ཆེ་རྣམས་དང་། ཐོག་བརྩེགས་གཉིས་པའི་ཁར་དཀྱིལ་དུ་རྗེ་ཡབ་སྲས་གསུམ་དང་། གཡས་སུ་ཡི་དམ་རྡོ་རྗེ་འཇིགས་བྱེད། དཔལ་འཁོར་ལོ་བདེ་མཆོག །གཡོན་དུ་རྟ་མགྲིན་ཡང་གསང་ཁྲོས་པ། དཔལ་དུས་ཀྱི་འཁོར་ལོ། གསང་པ་འདུས་པ། རྡོ་རྗེ་སེམས་དཔའ། དེ་དག་གི་མཐའ་འཁོར་དུ་སྐྱེས་བུ་གསུམ་གྱི་སྲུང་མ་སོགས་ཆོས་སྐྱོང་རྣམས་ཀྱི་སྣང་བརྙན། དབུ་ཁང་དུ་རྒྱལ་ཚབ་བྱམས་པ་མགོན་པོ། གཡས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་དང་། གཡོན་དུ་མཉམ་མེད་ཇོ་བོ་རྗེ་སོགས་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་བཀོད་པ་ལྟར་བཞུགས། ཕོ་བྲང་གི་མདུན་གྱི་མཐའ་འཁོར་དུ་དད་ལྡན་སྦྱིན་བདག་ཁག་གི་བཞུགས་ཤག་ཉིས་བརྩེགས་ཅན་སོགས་ལེགས་འགྲུབ་མཛད་དོ། །


  རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

པར་ལེན་པ། ཕོལ་བ།



སྒྲ་ལམ་སློབ་ཚན་ཕབ་ལེན།